大鵬金翅鳥本尊儀軌 – 自顯虹光
ཁྱུང་ལྷའི་སྒྲུབ་ཐབས་འཇའ་འོད་རང་ཤར།
大鵬金翅鳥本尊儀軌 – 自顯虹光
དང་པོ་སྐྱབས་སེམས་ནི།
先作皈依發心:
矣瑪呵
ནམ་མཁའ་གང་བའི་རྩ་གསུམ་ལྷར།།
ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས།།
三根聖眾遍佈虛空中
跟前禮拜皈依作供養
བདག་དང་མཐའ་ཡས་སེམས་ཅན་ཀུན།།
ཀུན་གྲོལ་སངས་རྒྱས་སེམས་བསྐྱེད་དོ།།
我等一切有情諸眾生
祈願解脫正等佛果位
ལྷ་བསྐྱེད་དངོས་ནི།
如實地生起本尊:
ཕྱི་སྣང་འབྱུང་ལྔའི་ཁ་དོག་འོད་དུ་འབར།།
ནང་སྟོང་དུག་ལྔའི་རྟོག་གྲོལ་དབྱངས་སུ་གྲགས།།
外相五大色光照熾然
內在五毒轟然悉掙脫
གསང་ཆེན་ཡེ་ཤེས་ལྔ་ལྡན་གྷཱ་རུ་ཌཱ།།
ཡང་གསང་ཕུང་ལྔ་རང་གྲོལ་ངང་དུ་བཟླའ།།
大鵬本尊秘密五種智
極密諷誦五蘊得自解
ཨོྃ་གྷཱ་རུ་ཌཱ་ཧཱུྃ་ཕཊཿ །། ཅི་ནུས་བསྐྱེད་རྫོགས་ལྡན་པས་བཟླ།།
唵 嘎汝達 吽呸 (盡力安住持誦心咒)
སྣང་གྲགས་རིག་པ་ལྷ་སྔགས་ཆོས་ཉིད་ངང་།།
སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷུན་གྱིས་གྲུབ།།
法性自顯明覺本尊密咒力
三身自成功德任運事業成
གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་བཞིན།།
འགྲོ་ཀུན་སངས་རྒྱས་ཡེ་ཤེས་སར་ཕྱིན་ཤོག།
本質原始怙主普賢王果位
祈願一切眾生速證究竟地
ཅེས་རབ་གནས་ཆུ་ཡོས་མགོ་ཟླ་བའི་དབང་ཕྱོགས་སྟོང་པ་དང་པོར་ཨ་ཌཱ་ཀི་ནིས་སྐུལ་ངོར་རིག་འཛིན་ཨེ་མ་ཧོས་ཨེ་ཝྃ་བདེ་མཆོག་དབང་གི་ཕོ་བྲང་ནས་རིག་སྟོང་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་ཕབས་པར་དགེའོ།། །། 30/12/2023
此儀軌於癸卯年藏曆十一月下弦月結時,由無生阿字空行母所激勵勸請,持明矣瑪呵尊者(貝扎法王堪欽喇嘛仁波切,於艾旺勝樂自在宮中;取出此與虛空天法伏藏相屬之事業教法,願一切事業增上。